(པར་ངོས་དང་པོར་མཐུད) ཤེས་རྟོགས་གནང་བ་མ་ཟད། འབྲེལ་ཡོད་ཚན་པས་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བཀའ་སློབ་གནང་།
རྩེད་ཐང་ཡུལ་ལྷན་དུ་ཞུགས་པའི་བགྲེས་སོང་ཨོ་རྒྱན་གྱི་ཁྱིམ་ཚང་ནང་ནང་མི་མང་བ་དང་།ཁྱིམ་ཚང་གི་འགྲོ་སོང་ཚང་མ་ཁོང་རང་གཅིག་པུའི་ཡོང་འབབ་ལ་བརྟེན་དགོས་ཀྱི་ཡོད་པས་འཚོ་བའི་ཐད་དཀའ་ངལ་ཆེ་ཙམ་ཡོད།ཨོ་རྒྱན་གྱི་ཁྱིམ་དུ།ཞུས་ཁྲེང་ཚང་གིས་ཁོང་གི་འཚོ་བའི་གནས་ཚུལ་དང་གཟུགས་གཞིའི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད།ཡིད་ཆེས་བརྟན་པོ་དང་ཐུན་མོང་གི་འབད་བརྩོན་བྱས་ན་འཚོ་བ་ཉིན་རེ་ལས་ཡག་པ་ཡོང་ཐུབ་པའི་བཀའ་སློབ་གནང་བ་དང་། ནང་མི་ཚོར་བགྲེས་སོང་ཁོང་ལ་ལྟ་རྟོག་མང་ཙམ་བྱེད་དགོས་པ་དང་ཕན་ཚུན་རམ་འདེགས་མང་ཙམ་བྱེད་དགོས་པ།དཀའ་ངལ་ཡོད་ན་དུས་ཐོག་ཏུ་ཤོད་དགོས་པ་བཅས་ཀྱི་བཀའ་སློབ་གནང་བ་དང་ཆབས་ཅིག་རིམ་ཁག་རྩ་འཛུགས་ཀྱིས་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཐོག་རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཁེ་གསུམ་སྡེ་ཁུལ་དུ་ཞུས་ཁྲེང་ཚང་གིས་ཏང་ཡོན་གྲེས་སོང་སྤེན་པ་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་ཁོང་ལ་འཚམས་འདྲི་གནང་བ་མ་ཟད།རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོར་སྐུལ་སྤེལ་བཏང་ནས་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ནུས་པ་འདོན་ཐུབ་པ་བྱེད་དགོས་པ་དང་།སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གང་ལེགས་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་ཤེས་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཐུན་མོང་གི་ངོས་འཛིན་མཐོ་རུ་གཏོང་དགོས་པ། ཆབ་སྲིད་ཐད་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་སེམས་ཁུར་མང་ཙམ་བྱས་ནས་ཁོ་ཚོའི་སེམས་ནུས་ཡོད་ཚད་འདོན་ཐུབ་པ་བྱེད་དགོས་པ།བརྒྱུད་སྤྲོད་དང་རོགས་རེས།སྣེ་ཁྲིད་བཅས་ཀྱི་བྱེད་སྒོ་གང་ལེགས་སྤེལ་ཏེ་ཚང་མས་ཏང་ཡོན་རྒན་གྲས་ལ་སློབ་སྦྱོང་བྱེད་དགོས་པ།ལོ་རྒྱུས་སེམས་ལ་ངེས་པ་དང་།མ་འོངས་གསར་གཏོད་བྱེད་པ།མུ་མཐུད་ནས་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་འགྲིག་པོས་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་བཀའ་སློབ་གནང་བ་རེད།
ཞུས་ཁྲེང་ཚང་གིས་ད་དུང་ཁེ་གསུམ་སྡེ་ཁུལ་གྱི་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་གཞི་རིམ་ཏང་ཡོན་ཚོར་འཚམས་འདྲི་གནང་བ་རེད།