འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་96འཁོར་བའི་མཚམས་འདིར་ཆུ་གསུམ་དང་ལྷོ་བྲག་རྫོང་གིས་བདུན་གཅིག་དགའ་གཏོང་དང་། ཏང་དང་རྒྱལ་ཁབ་ལ་བསྟོད་དབྱངས་ལེན་པ། གསར་བརྗེའི་གླུ་གཞས་གང་སར་ལེན་པ་ཞེས་པ་བརྗོད་དོན་དུ་བྱས་པའི་མཉམ་གཞས་འགྲན་བསྡུར་བྱས་པ་རེད།
མཉམ་གཞས་འགྲན་བསྡུར་གྱིས་ཏང་དབུ་བརྙེས་ནས་ལོ་96འཁོར་བར་རྟེན་འབྲེལ་ཞུ་བ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་བརྗོད་བྱར་དམིགས་ཏེ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཤིང་ད་ཆའི་བདེ་སྐྱིད་འཚོ་བར་བསྟོད་གླུ་བླངས་པ་རེད།
གཞན་ཡང་གནས་ཚུལ་སྤེལ་བར་ལྟར་ན།ལྷོ་བྲག་རྫོང་གིས་ཤང་གྲོང་རྡལ་ཁག་གི་ཞིང་འབྲོག་མང་ཚོགས་དང་། དགོན་སྡེ་ཁག་གི་གྲྭ་བཙུན། ན་གཞོན་སློབ་ཕྲུག་བཅས་ཀྱི་འཐུས་མི་རྣམས་སྒྲིག་འཛུགས་བྱས་ཏེ། སྤྲོ་སེམས་འཁོལ་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བསུ་བ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་བརྗོད་བྱར་བཟུང་ནས་གླུ་དབྱངས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།
གླུ་དབྱངས་འགྲན་བསྡུར་བརྒྱུད་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་དུས་རབས་གསར་པར་བསྟོད་གླུ་བླངས་ནས་གཞི་རིམ་གྱི་མང་ཚོགས་ཀྱི་ཁྲོད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་རེད།