འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོང་དཀར་རྫོང་གིས་ཏང་དབུ་བརྙེས་ནས་ལོ་96འཁོར་བར་རྟེན་འབྲེལ་ཞུ་བ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་ཡུལ་ལྷན་དུ་གཟབ་རྒྱས་ངང་སྤེལ་ཞིང་། སྔ་དྲོའི་ཆུ་ཚོད་10ཡས་མས་སུ་ཡུལ་ལྷན་ནང་རྒྱལ་དར་བསྒྲེངས་པ་དང་རྒྱལ་གླུ་མཐོན་པོར་བླངས་ནས་བྱེད་སྒོ་འགོ་ཚུགས་པ་རེད།
གོང་དཀར་རྫོང་གི་ཏང་ཡོན་མི་གྲངས་324ཡིས་ཏང་དར་འོག་ཏང་ཞུགས་དམ་བཅའ་སླར་ཡང་བཞག་ཅིང་། ཏང་གི་སྒྲིག་འཛུགས་འཚོ་བའི་ནང་གསར་དུ་ཞུགས་པའི་ཏང་ཡོན་མི་གྲངས་29བྱུང་བ་ཚོས་ཏང་ཞུགས་དམ་བཅའ་བཞག་ཡོད་པ་རེད། དེ་མ་ཐག་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་སའི་ཡུལ་ལྷན་དུ་ད་དུང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་ནང་དོན་དང་།བདེ་འཇགས་དྲ་བ་མཉམ་སྐྲུན་དང་དྲ་བའི་ཤེས་དཔལ་མཉམ་རོལ་ཞེས་པའི་དྲིལ་བསྒྲགས་ས་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།
བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།