ནང་སར་སློབ་སྦྱོང་དུས་ཡུན་ལོ་7བྱ་རྒྱུ་བྱུང་བ་ནི་ངའི་མི་ཚེའི་ཆེས་དོན་སྙིང་ལྡན་པའི་བརྒྱུད་རིམ་ཞིག་རེད་བསམ་གྱི་འདུག དུས་རབས་གོང་མའི་ལོ་རབས་80ཡི་ནང་། བོད་ལ་ཤེས་ལྡན་མི་སྣ་དཀོན་ཅིང་སློབ་གསོའི་རྨང་གཞི་ཞན་ཙམ་ཡོད་པར་བརྟེན་རྒྱལ་ཁབ་ཀྱིས་བོད་ལྗོངས་ནས་སློབ་ཆུང་ནས་སློབ་མཐར་ཕྱིན་པའི་ནང་སའི་བོད་ལྗོངས་འཛིན་གྲྭ་ཡིན་ནའང་འདྲ་ནང་སའི་བོད་ལྗོངས་སློབ་གྲྭ་འཛུགས་གཉེར་བྱེད་འགོ་ཚུགས་པ་རེད། 1985ལོའི་ཟླ་9པར། བོད་རིགས་ཀྱི་སློབ་མ་གཙོ་བོ་བྱས་པའི་ཐེངས་དང་པོའི་བོད་ལྗོངས་ཀྱི་སློབ་ཆུང་ཐོན་པའི་སློབ་ཕྲུག་ནང་སར་སློབ་སྦྱོང་བྱེད་པར་གཏོང་འགོ་ཚུགས་པས། སློབ་གསོའི་དཔེ་གཞི་གསར་པ་ཞིག་སྒོ་ཕྱེ་ཡོད་པ་རེད།
སློབ་ཆུང་འགྲིམས་སྐབས་ངའི་ཕུགས་བསམ་ཆེ་ཤོས་ནི་ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་སྤྲོད་རྒྱུ་དེ་རེད། སྐབས་དེ་དུས་ང་ལ་སྤྲོ་སྣང་ཆེ་ཤོས་དང་སྤོབས་པ་ཆེ་ཤོས་ཤིག་ཡོད་པ་ནི་ངའི་གཅེན་པོས་ཁྲང་ཀྲའོ་བོད་ལྗོངས་སློབ་འབྲིང་ནས་ཡི་གེ་སྐུར་བ་ལག་འབྱོར་ཐུབ་པ་དེ་རེད། ཡི་གེའི་ནང་གཅེན་པོས་ནང་སའི་སློབ་གྲྭ་ཡག་པའི་ཡག་ལུགས་དང་། སློབ་གྲོགས་མཉམ་དུ་ས་ཆ་མང་པོར་ཡུལ་སྐོར་ལྟ་སྐོར་ལ་ཕྱིན་པ་སོགས་བྲིས་ཡོད་པ་མཐོང་དུས་སེམས་ནང་ཡིད་སྨོན་ཞེ་དྲགས་སྐྱེས་ཡོང་གི་འདུག སྐབས་རེ་ད་དུང་པར་ཡང་སྐུར་འོང་གི་འདུག་པས་ད་ལྟའི་ཆར་ཡང་གནས་ཚུལ་དེ་ཚོ་སེམས་ནང་ཡང་ཡང་དྲན་གྱི་འདུག
ང་རང་ལོ་13ལ་སླེབས་པའི་ལོ་དེ་1992ལོ་རེད། ལོ་དེར་ངའི་ཕུགས་བསམ་མངོན་གྱུར་བྱུང་བ་སྟེ། ཅང་སུའུ་ཞིང་ཆེན་ཁྲང་ཀྲའོ་བོད་ལྗོངས་མི་རིགས་སློབ་འབྲིང་ལ་ཡིག་ཚད་ལོན་ནས་གཅེན་པོའི་ལམ་བུར་བསྐྱོད་ཐུབ་པ་བྱུང་། ནང་སར་མ་ཕྱིན་པའི་སྔོན་དུ་ངའི་དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་ཚོས་ཁྱིམ་ལ་ཡོང་སྟེ་བཀྲ་ཤིས་ཇ་ཆང་བྱེད་པར་སླེབས་བྱུང་། མི་ཚང་མས་ང་གཉིས་མིང་སྲིང་གཉིས་ཀ་ནང་སའི་ (པར་ངོས་གསུམ་པར་གཟིགས)
སྐལ་བཟང་སྒྲོལ་མ། མོ། བོད་རིགས། ལོ་38 ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན། དེ་སྔོན་ནང་སའི་བོད་ལྗོངས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ཆ་ཁོ་མོས་རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་གནས་ཐོག་དེ་སྔོན་རང་གི་དགེ་བའི་བཤེས་གཉེན་ནང་བཞིན་ཕྲུ་གུ་ཚོར་རིག་གནས་ཤེས་བྱ་བརྒྱུད་སྤྲོད་བྱས་ཏེ་སློབ་མ་གང་མང་མང་གསོ་ཞིང་སྐྱོང་མུས་ལགས།
ང་ཚོའི་ཉེ་འགྲམ་གྱི་གཏམ་རྒྱུད་