འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་སྔ་རྗེས་སུ་རྩེད་ཐང་ཡུལ་ལྷན་དང་ཁེ་གསུམ་སྡེ་ཁུལ་དུ་ཕེབས་ནས་ཏང་ཡོན་རྒན་གྲས་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་གནང་བ་རེད།
གྲོང་ཁྱེར་དབུ་ཁྲིད་ཧོ་ཕེ་དང་ཀྲང་ཏིང་ཁྲེང་།ཉི་མ་ཚེ་རིང་བཅས་ཀྱིས་འཚམས་འདྲི་གནང་རིང་ཕེབས་རོགས་ཞུས།
ད་ལོ་དགུང་ལོ་77ལ་ཕེབས་པའི་བློ་མཐུན་འཇམ་དབྱངས་ནི་1979ལོའི་ཟླ་7པའི་ནང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཞིག་ཡིན་པ་དང་། དུས་ཡུན་རིང་པོའི་ནང་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་གནང་མྱོང་ཡོད་པ་ཞིག་ཡིན་ལ་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་མཁས་པ་ཞིག་ཡིན་པས་མང་ཚོགས་ཚོས་ཁོང་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ཞུས་ཁྲེང་ཚང་གིས་ཁོང་གི་ཁྱིམ་དུ་ཕེབས་ནས་གྲོང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་ལྷོ་ཁའི་བྱ་གཞག་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་གི་འཚོ་བའི་གནས་ཚུལ་ (པར་ངོས་གསུམ་པར་གཟིགས)
འདི་ནི་ཞུས་ཁྲེང་ཚང་གིས་རྒན་རྒོན་སྤེན་པ་ཚེ་རིང་དང་མཛའ་བརྩེའི་བཀའ་མོལ་གནང་གིན་དུ་ཁོང་གི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།