ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྣེ་ཁྲིད་ནས་སྒྲིག་འཛུགས་ཞིབ་བཟོ་དང་། རང་བརྟེན་གྱི་ཤེས་བྱའི་བདག་དབང་ཆ་ཚང་ལྡན་པ། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པའི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ལ་ཚེས་25ཉིན་བསྐྱར་དར་རྟགས་ཅན་ཞེས་མིང་བཏགས་པ་རེད།
ཚེས་25ཉིན་གྱི་སྔ་དྲོ་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ལུའུ་ཏུང་ཕུའུ་ཡིས་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཏང་ཙུའི་ཚབ་ཞུས་ནས་པེ་ཅིང་དུ་མིང་འདོགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ལུའུ་ཏུང་ཕུའུ་ཡིས་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ལ་བསྐྱར་དར་རྟགས་ཅན་ཞེས་བཏགས་པ་དེས་ཀྲུང་གོའི་ལྕགས་ལམ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་འཚོ་བ་གསར་པ་གཏོད་པའི་འབྱུང་འགྱུར་གྱི་རེ་བ་བཟང་པོ་མངོན་ཡོད་ཅེས་བརྗོད།
ཟླ་6ཚེས་26ཉིན་བསྐྱར་དར་རྟགས་ཅན་ཅིང་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིང་བབས་ཚུགས་ལྷོ་མ་དང་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་ཕྱོགས་གཉིས་ནས་ཐེངས་དང་པོ་གཏོང་རྒྱུ་ཡིན་པ་དང་མྱུར་བགྲོད་མེ་འཁོར་དེ་གཉིས་ཀྱི་ཨང་གྲངས་ནི་G123དང་G124ཡིན།