(པར་ངོས་དང་པོར་མཐུད་)རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སྒྲོག་འགྲེལ་བྱེད་སྒོ་ཐེངས་595སྤེལ་བས་གཞོན་ནུ་ལོ་ཆུང་སློབ་མ་མི་ཐེངས་ཁྲི་16.8ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་སློབ་གསོ་ཐེབས་ཚད་བརྒྱ་ཆ་99ཟིན་ཡོད།
གཞི་རྟེན་ཕུན་སུམ་ཚོགས་པ།
སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ་དང་ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཐོག་གཞོན་ནུ་ལོ་ཆུང་སློབ་མའི་འཚར་ལོངས་ཀྱི་ཆོས་ཉིད་དང་།ལོ་ནའི་ཁྱད་ཆོས།འཛིན་གྲྭའི་ཁྱད་ཆོས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བྱེད་སྒོར་བརྟེན་ནས་མི་སྣ་གསོ་སྐྱོང་གི་དམིགས་ཡུལ་བསྒྲུབས་ཡོད།
མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་སློབ་ཁྲིད་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་པ་དང་འཛིན་གྲྭའི་ཀྲུའུ་རེན་གྱིས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཞེས་པའི་ནུས་ལྡན་གྱི་བྱེད་ཐབས་ཧུར་ཐག་སྤྱད་དེ་འཛིན་གྲྭའི་ཚོགས་འདུའི་ནང་དོན་གསར་གཏོད་བྱས་པ་དང་སློབ་གསོ་གཏོང་སྟངས་ཕུན་སུམ་ཚོགས་སུ་བཏང་ཡོད།རྩེད་མོ་དང་།གླུ་དབྱངས།འཁྲབ་སྟོན།གཏམ་བཤད་སོགས་ཀྱི་རྣམ་པ་གཅིག་ཏུ་འདུས་པའི་འཛིན་གྲྭའི་ཚོགས་འདུ་དེས་སློབ་གསོའི་ཕན་འབྲས་དེ་བས་མངོན་གསལ་དོད་པོ་བྱུང་ནས་སློབ་མས་དགའ་པོ་བྱེད་པའི་སློབ་གསོ་གཏོང་སྟངས་ཤིག་ཏུ་གྱུར་ཡོད།རིག་ཚན་ཁག་གི་དགེ་རྒན་ཚོས་རིག་ཚན་དེའི་སློབ་གསོའི་ནང་དོན་ཧུར་ཐག་སྤྱད་དེ་རི་མོའི་སློབ་ཚན་ཐོག་བརྗོད་དོན་གཙོ་བོ་འབྲི་བ་དང་།རོལ་དབྱངས་སློབ་ཚན་ཐོག་བརྗོད་དོན་གཙོ་བོ་ལེན་པ།ལུས་རྩལ་སློབ་ཚན་ཐོག་བརྗོད་དོན་གཙོ་བོ་འཁྲབ་པ།ལོ་རྒྱུས་ས་ཁམས་སློབ་ཚན་ཐོག་བརྗོད་དོན་གཙོ་བོའི་ནང་དོན་རྟོགས་པ།རྒྱ་ཡིག་སློབ་ཚན་ཐོག་བརྗོད་དོན་གཙོ་བོའི་ནང་དོན་སྦྱོང་བ་སོགས་སྤྲོ་སྣང་དང་དོན་སྙིང་ལྡན་པའི་སློབ་ཁྲིད་བྱེད་སྟངས་བརྒྱུད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཁུག་ཆ་མི་ལུས་པ་བྱས་ཡོད།
དོན་འཁྱོལ་ལ་དམ་འཛིན་ཡག་པ།
བྱེད་སྒོ་ཧུར་ཐག་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམ་པ་རེ་རེ་བཞིན་བྱེད་སྒོའི་བླང་བྱ་དོན་འཁྱོལ་བྱས་པ་དང་།ས་ཆ་ཁག་བགོས་ཀྱིས་འགན་འཁུར་བ་དང་སློབ་གྲྭ་ཁག་བགོས་ཀྱིས་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲོག་འགྲེལ་དཔུང་ཁག་དང་།དྲིལ་བསྒྲགས་དཔུང་ཁགལྟ་སྐུལ་མཛུབ་ཁྲིད་དཔུང་ཁག་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་པ་དང་ཆབས་ཅིག་བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད།
རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་ཟླ་རེར་གྲོང་ཁྱེར་ཐད་གཏོགས་སློབ་གྲྭར་ལྟ་སྐུལ་མཛུབ་ཁྲིད་ཐེངས་གཉིས་བྱེད་པ་དང་།རྫོང་ཁག་གི་སློབ་གྲྭ་འབྲིང་ཆུང་ལ་ལྟ་སྐུལ་མཛུབ་ཁྲིད་ཐེངས་གཅིག་བྱེད་པའི་འགན་ལེན་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་ཚད་བརྒྱ་ཆ་100དང་བརྒྱ་ཆ་80ཡན་ཟིན་པ་བྱས་ཡོད།ཚང་མས་སྣང་ཆེན་བཞི་དང་དགའ་ཞེན་བཞི་ལག་ལེན་ཧུར་ཐག་བསྟར་བ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་རང་འགུལ་ངང་སྒྲོག་འགྲེལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་ཆགས་པ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡར་ཀླུང་གི་ས་གཞི་ཆེ་མོར་ཁྱབ་པ་བྱས་ཡོད།