第02版: 上一版3  4下一版
 
版面导航

第01版

第02版

第03版
 
标题导航
| 山南网首页 |
2017年7月3日 星期
3 上一篇 放大 缩小 默认
ཞུས་ཁྲེང་ཚང་གིས་མཚོ་སྣའི་མཐའ་མཚམས་སུ་རྟོག་ཞིབ་གནང་བ།
 

(པར་ངོས་དང་པོར་མཐུད)ལོ་རེའི་ཡོང་འབབ་སྒོར་ཁྲི་3ཙམ་ཟིན་གྱི་ཡོད་ལ་ཕྲུ་གུ་སློབ་གྲྭར་བསྐྱོད་པར་སློབ་ཡོན་སྤྲོད་དགོས་མིན་འདུག་ལ་ན་ཚ་ལྟ་བར་ཡང་སྨན་རིན་སྤྲོད་དགོས་མིན་འདུག ང་ཚོའི་འཚོ་བ་ཉིན་རི་ནས་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་ཐོས་རྗེས་ཞུས་ཁྲེང་ཚང་ཐུགས་མཉེས་པོ་བྱུང་ནས་ཁོང་གིས་མང་ཚོགས་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ལྷོ་ཁའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད་པས་ཚང་མས་ཏང་གི་བཀའ་དྲིན་ཤེས་པ་དང་།ཏང་གི་དྲིན་ཚོར་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་དགོས་ཞེས་གསུངས།

མཁར་ལྟག་ཤང་དང་ལམ་ཕུག་ཤང་དུ་ཞུས་ཁྲེང་ཚང་གིས་ལས་བྱེད་མང་ཚོགས་དང་མཐའ་སྲུང་དཔོན་དམག་ལ་འཚམས་འདྲི་གནང་བ་དང་ཁོང་གིས་ཤང་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཏང་གི་དྲིན་ཚོར་སློབ་གསོ་དང་དཀའ་སྤྱད་འབད་བརྩོན་གྱི་སློབ་གསོ།རྩལ་ནུས་གསོ་སྦྱོང་བཅས་ལ་ཤུགས་སྣོན་གྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་ཏང་གི་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲངས་རྒྱུ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཐོག་དཀའ་སྤྱད་འབད་བརྩོན་བྱས་ནས་བདེ་སྐྱིད་འཚོ་བ་སྐྱེལ་དགོས་པའི་ནན་བཤད་གནང་།

ཞུས་ཁྲེང་ཚང་གིས་སྔ་རྗེས་སུ་མཐུ་ལུང་ལ་དང་དོམ་ཚང་རྦབ་ཆུ་སོགས་མཐའ་མཚམས་ཀྱི་གནས་སྐབས་ཏང་ཀྲེ་པུའུ་དང་ཏང་ཚོ་ཆུང་གི་ཏང་འཛུགས་སྐྱོང་བར་འཁྱམས་འཛུགས་སྐྱོང་གནས་ཚུལ་ཤེས་རྟོགས་གནང་བ་དང་མཚོ་སྣ་རྫོང་གི་མཐའ་མཚམས་ཏང་འཛུགས་སྐྱོང་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་།ཁོང་གིས་སྔར་བས་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་གྱིས་མཐའ་བརྟན་དམངས་ཕྱུག་ལ་མཐའ་སྐོར་ཏེ་མུ་མཐུད་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བར་འཁྱམས་བཏོད་ནས་མང་ཚོགས་གང་དུ་ཡོད་ཀྱང་དེ་གར་ཏང་རྩ་འཛུགས་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་།

སླད་ཤང་དང་མག་མང་ཤང་།ཁ་ཆུ་ཤང་སོགས་སུ་མཐའ་མཚམས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་འཛུགས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་།འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་རྗེས་ཞུས་ཁྲེང་ཚང་གིས་མཚོ་སྣ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་།མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ།ཡུན་རིང་བོད་སྐྲུན།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་བཀའ་སློབ་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱེད་དགོས་པ་དང་།རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཏོན་གནང་བའི་དམག་དཔུང་འདུས་སྡོད་དང་མང་ཚོགས་བདེ་འཁོད་ཀྱི་མཛུབ་སྟོན་བླང་བྱ་ལྟར་མཐའ་དར་ལ་བྱ་ཐབས་ཡོད་པ་མ་ཟད་དམངས་ཕྱུག་ལ་ཐབས་ཤེས་ཡོད་པ་བྱེད་དགོས་པ་དང་།ལྷག་དོན་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོའི་གོ་སྐབས་དམ་བཟུང་བྱས་ཐོག་སྤུས་ཚད་ལ་འགན་ལེན་བྱེད་པའི་རྨང་གཞིའི་འོག་མཐའ་མཚམས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་བསྐྲུན་མགྱོགས་སུ་བཏང་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཡོང་བ་དང་ཁོ་ཚོས་སེམས་བརྣལ་ལ་ཕབ་ནས་མཐའ་བརྟན་མཐའ་སྲུང་བྱེད་དགོས་པའི་བླང་བྱ་བཏོན་གནང་།

མག་མང་ཤང་དུ་ཞུས་ཁྲེང་ཚང་གིས་གྲོང་མི་སྒྲོལ་མའི་ཁྱིམ་དུ་ཕེབས་ནས་ཡོང་འབབ་ཡོངས་ཁུངས་དང་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་ཞུས་གནང་བ་དང་།སྒྲོལ་མས་ཁྱད་ལྡན་ཡུལ་སྐོར་དང་ཤིང་ཕོར་ཕྱིར་ཚོར་ལ་བརྟེན་ནས་ན་ནིང་ཡོང་འབབ་སྒོར་ཁྲི་10ཡོང་བ་མཁྱེན་རྗེས་ཞུས་ཁྲེང་ཚང་གིས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་འཛུགས་སྐྱོང་གིས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ།ཚང་མར་ཁྲོམ་རའི་གཉེར་སྐྱོང་ནང་ཞུགས་རྒྱུའི་ཧུར་སེམས་ཡོད་པ།མཐའ་མཚམས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བཅས་བྱུང་ཡོད།ཤང་གྲོང་ཡུལ་སྐོར་གྱིས་ངེས་པར་དུ་ཚད་ལྡན་ཅན་དོ་དམ་ལ་ཤུགས་སྣོན་གྱིས་ཞབས་ཞུའི་སྣེ་ལེན་དང་ཞག་སྡོད།འཕྲོད་བསྟེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་ཡུལ་སྐོར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པ་དང་གཟུགས་བརྙན་ཡག་པོ་བཏོད་དེ་ཁྱད་ལྡན་རྩེ་གྲ་དང་སྣོད་བཅུད་ཤེས་དཔལ་གྱི་རྟགས་མ་བཏོད་དགོས་པའི་ནན་བཤད་གནང་།

རྟོག་ཞིབ་ཁྲོད་ཞུས་ཁྲེང་ཚང་གིས་མཐའ་མཚམས་ཀྱི་ཕྱུགས་འཚོ་སར་ཕེབས་ནས་འབྲོག་པ་སྟོབས་རྒྱལ་དང་མཚམས་གཅོད་སོགས་ལ་འཚམས་འདྲི་གནང་བ་དང་།ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གནང་བ་དང་།ཁོང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་འབྲོག་པའི་དགོས་མཁོར་ཤེས་རྟོགས་བྱས་ནས་མཐའ་བརྟན་དམངས་ཕྱུག་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པའི་མངག་བཅོལ་གནང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:
   第03版:
   第04版:
འཕྱོངས་རྒྱས་རྫོང་གིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་གསེབ་ཀྱི་
ཁས་ལེན་མཚན་འགོད་བྱེད་པ།
འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། ཚོགས་ཆེན་བཅུ་དགུ་བསུ།
ཟངས་རི་རྫོང་ཕུ་ནང་ཚོགས་ཆུང་གིས་གྲོང་ཚོར་གློག་འཁྲིད་ ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།
ཞུས་ཁྲེང་ཚང་གིས་མཚོ་སྣའི་མཐའ་མཚམས་སུ་རྟོག་ཞིབ་གནང་བ།