第02版: 上一版3  4下一版
 
版面导航

第01版

第02版

第03版
 
标题导航
| 山南网首页 |
2017年7月3日 星期
下一篇 4 放大 缩小 默认
འཕྱོངས་རྒྱས་རྫོང་གིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་གསེབ་ཀྱི་
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་།འཕྱོངས་རྒྱས་རྫོང་གིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལྟེ་བར་བཟུང་ཐོག་གཉིས་གཏོད་གཉིས་བརྩོན་གྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་རྒྱང་ཁྲིད་སློབ་གསོའི་ཞབས་ཞུ་རྣམ་པའི་ས་ཚིགས་འཛུགས་རྒྱུར་སྐུལ་འདེད་ཀྱིས་རྒྱང་ཁྲིད་སློབ་གསོའི་ཞབས་ཞུའི་ལས་སྟེགས་གསར་པ་བཙུགས་པ་རེད།

གཅིག་ནས་དོ་དམ་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་རྒྱང་ཁྲིད་སློབ་གསོའི་ལས་སྟེགས་ལ་དོ་དམ་ཡག་པོ་བྱས་ཤིང་།ཤང་དང་གྲོང་རྡལ་ཁག་གིས་རྒྱང་ཁྲིད་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱང་ཁྲིད་སློབ་གསོའི་ལས་དོན་ཁག་དོན་འཁྱོལ་ལས་འགན་ཁྱོན་ཡོངས་ནས་འཁུར་བ་རེད།

གཉིས་ནས་དུས་ཐོག་ཏུ་བརྙན་སྡེར་སོགས་བསྟན་ནས་སློབ་སྦྱོང་བྱས་ཏེ་སློབ་ཁྲིད་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བེད་སྤྱད་ཅིང་།ཤང་དང་གྲོང་རྡལ་ཁག་ལ་ཏང་ཡོན་མང་ཚོགས་ཀྱི་དགོས་མཁོར་དམིགས་ཐོག་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་རྨང་གཞིར་བཟུང་ནས་སློབ་སྦྱོང་གི་ནང་དོན་ལུགས་དང་མཐུན་པར་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གསུམ་ནས་དཔྱད་བསྡུར་ལམ་ལུགས་ནན་པོ་བཟོས་ཏེ་རྒྱང་ཁྲིད་སློབ་གསོའི་ལས་དོན་གྱི་ཕན་འབྲས་དངོས་འདོན་སྤེལ་བྱས་ཤིང་།ཤང་དང་གྲོང་རྡལ་ཁག་གི་རྒྱང་ཁྲིད་སློབ་གསོའི་ལས་དོན་ཐད་དཔྱད་བསྡུར་ཇུས་གཞི་བཟོས་ནས་བརྒྱ་ཆའི་ལམ་ལུགས་དང་དམངས་གཙོའི་དཔྱད་བསྡུར་བྱ་རྒྱུ་ལག་བསྟར་བྱས་ཏེ།གཞི་རིམ་ས་ཚིགས་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཐད་ཕན་འབྲས་དངོས་ཐོན་ཡོད་མེད་དཔྱད་བསྡུར་གཏན་འཁེལ་བྱས་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:
   第03版:
   第04版:
འཕྱོངས་རྒྱས་རྫོང་གིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་གསེབ་ཀྱི་
ཁས་ལེན་མཚན་འགོད་བྱེད་པ།
འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། ཚོགས་ཆེན་བཅུ་དགུ་བསུ།
ཟངས་རི་རྫོང་ཕུ་ནང་ཚོགས་ཆུང་གིས་གྲོང་ཚོར་གློག་འཁྲིད་ ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།
ཞུས་ཁྲེང་ཚང་གིས་མཚོ་སྣའི་མཐའ་མཚམས་སུ་རྟོག་ཞིབ་གནང་བ།