རི་བོ་ཧི་མ་ལ་ཡའི་རོང་གཞུང་དུ་ཧ་ལམ་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་ཡུལ་ཞིག་ཡོད་པ་དེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན་གྱིས་ཡུལ་མི་སྤུན་ཟླ་སྐུལ་སློང་སྣེ་ཁྲིད་བྱས་ཏེ་མཐའ་སྲུང་སྲ་བརྟན་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་མཐའ་མཚམས་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་བྱས།ཁོང་གིས་ལོ་ཉེར་བརྒྱད་རིང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁོང་གིས་ལོ་ཉེར་བརྒྱད་རིང་ལས་གནས་བརྟན་སྲུང་བྱས་ནས་ཏང་དང་སྲིད་གཞུང་གི་ཉི་འོད་དང་སྦྲང་ཆར་ལ་བརྟེན་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བསྐྱངས་ཏེ།འཛམ་གླིང་ཡང་རྩེར་སྙིང་སྟོབས་ཀྱི་མཐོ་ས་ཞིག་བཏོད་པ་དང་གུང་ཁྲན་ཏང་ཡོན་ཞིག་གི་ལྷག་བསམ་ཟོལ་མེད་དང་མཐའ་མཚམས་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས།
ས་ཐག་ཇི་ཙམ་རིང་ཡང་གང་ལྟར་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཡིན།
རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཏིང་དུ་གནས་པའི་ལ་རྒྱབ་ཤང་དུ་བསྐྱོད་པར་ལམ་བར་དུ་གམ་པ་ལ་དང་།ཡར་འབྲོག་གཡུ་མཚོ།ཕུ་མ་གཡུ་མཚོ།ལྷོ་བྲག་རྫོང་བཅས་བརྒྱུད་དགོས་ཀྱི་ཡོད།ལྷོ་བྲག་རྫོང་ནས་ལ་རྒྱབ་ཤང་དུ་བསྐྱོད་པར་ད་དུང་རི་གཟར་བྲག་རིའི་འོག་གི་ལམ་འཕྲང་དང་གཞུང་ཆུ་བརྒྱུད་དགོས་ཀྱི་ཡོད།ང་ཚོ་ལ་རྒྱབ་ཤང་དུ་སྐྱོད་སྐབས་གསར་དུ་བཟོས་པའི་ལམ་དེ་ཆུས་བསྣུབས་ཡོད་པས་ལ་རྒྱབ་ལུང་གཞུང་གི་ཀྱག་ཀྱོག་རི་ལམ་བརྒྱུད་ན་མ་གཏོགས་ལ་རྒྱབ་ཤང་དུ་འབྱོར་མི་ཐུབ།འོན་ཀྱང་དེ་གར་ལམ་བཟོ་བཞིན་ཡོད་པས་མུ་མཐུད་མདུན་སྐྱོད་བྱེད་ཐབས་བྲལ་སྟབས་ངེད་ཚོ་རྐང་ཐང་མར་བསྐྱོད་པས་གཞི་ནས་བདེ་བ་ཅན་གྱི་ཞིང་ཁམས་དང་སྦས་ཡུལ་ཞེས་བརྗོད་པའི་ལ་རྒྱབ་ཤང་དུ་འབྱོར་ཙམ་བྱུང་།
ལ་རྒྱབ་ཤང་དུ་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ནགས་ཚལ་སྔོ་ཞིང་སྟུག་མོད།འོན་ཀྱང་དེ་སྔ་ལོ་མང་རིང་ཕྱི་ཕྱོགས་དང་འབྲེལ་བ་མེད།མི་འགའ་ཞིག་གིས་ཡུལ་དེ་གའི་མིས་མ་གཏོགས་ས་ཆ་དེའི་མིང་གོ་མྱོང་མེད་ཅེས་ཤོད་ཀྱི་འདུག
(པར་ངོས་གསུམ་པར་གཟིགས་)
ལྷོ་བྲག་རྫོང་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན་གྱིས་མཐའ་སྲུང་དམངས་ཕྱུག་བྱས་པའི་སྐོར་བཀོད་པ། (སྟོད་ཆ)