ངེད་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་བཀོད་པ།
ངེད་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྒྲོག་འགྲེལ་དྲིལ་བསྒྲགས་དང་ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱས་ཏེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་གཞོན་ནུ་ལོ་ཆུང་ཚང་མའི་སེམས་སུ་ཟུག་པ་བྱས་ཡོད།གཞོན་ནུ་ལོ་ཆུང་སློབ་མའི་སྲོག་ཤིང་གི་འདུ་ཤེས་དེ་བས་བརྟན་པ་དང་།བསམ་བློའི་ངོས་འཛིན་དེ་བས་གཅིག་གྱུར།མི་རིགས་མཐུན་སྒྲིལ་དེ་བས་ཞི་མཐུན།སྤྱི་ཚོགས་དུས་བབ་དེ་བས་བརྟན་ལྷིང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་བ།སྣོད་བཅུད་སྲུང་སྐྱོང་དེ་བས་རང་འགུལ།གཞི་རིམ་གྱི་རྨང་གཞི་དེ་བས་བརྟན་པོ།སྤྱི་ཚོགས་ཀྱི་དར་སྲོལ་དེ་བས་ཡ་རབས།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན།རྒྱུན་འཛིན་པའི་དཔུང་ཁག་དེ་བས་ལྷག་བསམ་རྣམ་དག་བཅས་ཡོང་བ་བྱས་ཡོད།
སྒྲོག་འགྲེལ་གཏིང་ཟབ་པ།
གྲོང་ཁྱེར་སློབ་གསོ(ལུས་རྩལ)ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཏུང་ཨན་ཞུའེ་ཡིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན།སློབ་གསོ་ཅུས་ཀྱིས་གསར་གཏོད་བྱེད་སྟངས་དང་ཐབས་ཤེས་ཐད་བྱ་ཐབས་དངོས་འདོན་པ་དང་།བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་གོང་འོག་ཚང་མས་འབད་འཐབ་བྱེད་པ།བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་དངོས་ཕན་ཐོབ་པ་བཅས་བྱས་ནས་བྱེད་སྒོའི་མཚམས་ཚིག་དང་པོའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད་ཅེས་བཤད།
སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་སློབ་གྲྭ་ཁག་གི་ཁྱད་ཆོས་འབུར་དུ་ཐོན་པ་དང་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།ཏུང་ཧུའེ་སློབ་འབྲིང་གིས་སྒྲོག་འགྲེལ་བྱེད་སྒོ་དེ་ཁྱིམ་ཚང་གི་འདྲི་རྟོག་ཉིན་མོ་དང་ཟུང་འབྲེལ་བྱས་ཏེ་སློབ་མ་དབུལ་པོའི་ཁྱིམ་ཚང་དང་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་སོགས་ལ་སྒྲོག་འགྲེལ་བྱས་པས།སློབ་མ་ཚོས་ཏང་གི་བཀའ་དྲིན་ཚོར་བའི་ཐད་དེ་བས་མྱོང་ཚོར་ཟབ་མོ་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན།གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་ (པར་ངོས་གསུམ་པར་གཟིགས་)