འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་མཚོ་སྣ་རྫོང་མཁར་ལྟག་ཤང་དང་ལམ་ཕུག་ཤང་། སླད་ཤང་།མག་མང་ཤང་།ཁ་ ཆུ་ཤང་སོགས་མཐའ་མཚམས་ཤང་གྲོང་རྡལ་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་གྲོང་སྡོད་ལས་དོན་རུ་ཁག མཐའ་སྲུང་དཔོན་དམག་སོགས་ལ་འཚམས་འདྲི་གནང་བ་དང་།མཐའ་མཚམས་དོ་དམ་ཚོད་འཛིན་དང་དབུལ་གྲོལ་འགག་སྒྲོལ།མཐའ་མཚམས་འབྱོར་འབྲིང་དཔེ་མཚོན་གྲོང་ཚོ་འཛུགས་སྐྲུན།མཐའ་མཚམས་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
གྲོང་ཨུད་རྒྱུན་ཨུ།གྲོང་སྤྱི་ཧོ་ཕེ།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།མཚོ་སྣ་རྫོང་ཨུད་ཧྲུའུ་ཅི་ཡུས་ཧྲེང་ནེང་།ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ལེའུ་ཧྲུའུ་ཧོང་གིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།
ཞུས་ཁྲེང་ཚང་དང་བཅས་པས་ལྷུན་རྩེ་རྫོང་ནས་ཐོན་ཏེ་མཚོ་སྣ་རྫོང་དུ་ཕེབས་པ་དང་།ལམ་བར་དུ་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་མང་ཚོགས་ཚོས་ཆུ་རགས་སྐྲུན་བཞིན་པ་མཐོང་སྐབས་ཁོང་གིས་མང་ཚོགས་ཁྲོད་དུ་ཕྱིན་ནས་ཁོ་ཚོ་དང་ཅི་གྲོས་མོལ་གྲོས་ཤོད་པ་དང་།གྲོང་མི་སྐལ་བཟང་ཆོས་སྐྱིད་ཀྱིས་ད་ཆ་ངའི་ (པར་ངོས་གཉིས་པར་གཟིགས་)